无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2024ལོའི"དུས་ཆེན་གསུམ”རིང་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོར་འཚམས་འདྲི་ཞུས་པ།

དུས་ཚོད། 2024-02-02 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེའི་སྐབས་འདིརརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གིས2024ལོའི“དུས་ཆེན་གསུམ”རིང་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོར་འཚམས་འདྲི་ཞུ་བའི་བྱེད་སྒོ་འདི་ཟླ2པའི་ཚེས2ཉིན་གྱི་སྔ་དྲོར་སྤེལ་བ་རེད། གཞུང་ལས་ཁང་(ཅུ)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན(ཅུད་ཀྲང)ཟླ་བ་ཚེ་རིང་དང་རིམ་གཉིས་སྐོར་ཞིབ་པ་ལྷ་ཆུང་དང་ཁྲང་ཧྥུའུ་ལིའང་བཅས་ཁག་སོ་སོསཚོགས་ཆུང་སྣེ་ཁྲིད་དེ་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་ལ་འཚམས་འདྲི་ཞུས་ཤིང་།  ཁོང་ཚོ་བརྒྱུད་གཞུང་ལས་ཁང(ཅུ)གི་བྱ་གཞག་ལ་ཐུགས་ཁུར་དང་བྱས་རྗེས་འཇོག་མཁན་འགོ་ཁྲིད་དང་བློ་མཐུན་རྒན་གྲས་ཚོར་བླ་ན་མེད་པའི་གུས་འདུད་དང་ལོ་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད།

ཟླ་བ་ཚེ་རིང་གིས་བློ་མཐུན་རྒན་གྲས་ཚོའི་ཉེ་དུས་ཀྱི་འཚོ་བ་དང་བདེ་ཐང་གི་གནས་ཚུལ་སོགས་ཀྱི་ཐད་བཀའ་འདྲི་གནང་ཞིང་། ཕན་ཚུན་མཇལ་དར་བསྒྲོན་རེས་དང་བཀྲ་ཤིས་ཀྱི་སྨོན་འདུན་བཟང་པོ་ཞུས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་སྐོར་གྱི་གླེང་མོལ་མང་པོ་བྱས་པ་རེད། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་བོད་སྐད་ཨུགཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིསཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པརང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་བྱས་རྗེས་ཧུར་ཐག་བཞག་སྟེ། བོད་སྐད་ཡིག་རྩོམ་སྒྱུར་བྱ་གཞག་ལ་སྐུལ་འདེད་གཏོང་སླད་དུརྒྱུན་ཆད་མེད་པར་བྱས་རྗེས་གསར་པ་འཇོག་པ། འགན་འཁྲི་གསར་པ་འཁུར་བ། འཕེལ་རྒྱས་གསར་པ་ཡོང་བ་བཅས་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་པརང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་ཁ་བྲལ་ཐབས་མེད་ལ།  གཞུང་ལས་ཁང་(ཅུ)གི་ལས་བྱེད་པ་རྒན་གྲས་ཡོངས་ཀྱིས་བསྐྱེད་པའི་སེམས་ཤུགས་དང་བཏོན་པའི་རྔུལ་ཆུ་དང་ཡང་ཁ་བྲལ་ཐབས་མེད།      

ཟླ་བ་ཚེ་རིང་གིས་ལས་བྱེད་པ་རྒན་གྲས་ནི་ཏང་དང་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་གཤིས། ཚང་མས་སྔར་རྒྱུན་བཞིན་གཞུང་ལས་ཁང(ཅུ)གི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། ཞུས་ཆེན་ལོ་ཙཱ་བས་མཚོན་པའི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཆེད་ལས་ཀྱི་ནུས་པ་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་རྒྱ་ཆེ་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བསམ་འཆར་དང་གྲོས་འགོ་རྩ་ཆེན་མང་ཙམ་འདོན་པ་དང་།  གཞུང་ལས་ཁང(ཅུ)གི་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་མང་ཙམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།    

འཚམས་འདྲི་བྱ་ཡུལཀྱི་ལས་བྱེད་པ་རྒན་གྲས་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ཏང་ལ་བཀའ་དྲིན་ཆེ་ཞུས་ཤིང་། ཁོང་ཚོས་ལས་འཁྱུར་རྒན་ཡོལ་བྱས་ཀྱང་བྱ་གཞག་ནམ་ཡང་མི་དོར་བརང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། སྤྱི་ཚོགས་ལ་ལེགས་སྐྱེས་མང་ཙམ་འབུལ་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས། དེའི་རིང་འཚམས་འདྲི་ཚོགས་ཆུང་ཁག་གིས་རྒན་ཡོལ་ལས་བྱེད་ལས་བཟོ་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གཞུང་ལས་ཁང(ཅུ)གི་བྱ་གཞག་སྤུས་ཚད་མཐོ་བའིགོང་འཕེལ་དང་ལས་འཁྱུར་རྒན་ཡོལ་ལས་བྱེད་པར་ཞབས་འདེགས་ཞུ་བའི་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་ཁག་ནན་ཏན་གྱིས་ཉན་པ་རེད།