无障碍阅读 关怀版

ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

དུས་ཚོད། 2024-04-03 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ4པའི་ཚེས2ཉིན2024ལོའི་ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཀྲུའུ་རེན(ཅུ་ཀྲང་)ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པཀྲུའུ་རེན(ཅུ་ཀྲང་)ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནངཞིང་ཏང་ཙུའི་ཁོངས་མིཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།     

ཚོགས་འདུའི་ཐོག་ཀྲུའུ་ཞི་གཞོན་པ་ལྕགས་རབློ་བཟང་བསྟན་འཛིན་གྱིས་ལྗོངས་ཡོངས་ཀྱི་བོད་སྐད་ཨུ་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་ཡོད   

ཚོགས་འདུའི་ཐོག་བསྟན་དོན།2023ལོར་ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་གྱི་ཁྱོན་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་བྱེདཔ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ།  ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་འགན་འཁྲི་གང་ལེགས་བསྒྲུབས་པའི་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་།“དོན་ཆེན་བཞི”དང་“འཛུགས་གཏོད་བཞིའི”ཁྲོད་བོད་སྐད་ཡིག་ལས་དོན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནསལས་འགན་ནན་གྱིས་སྒྲུབ་པ་དང་བྱས་རྗེས་ཧུར་ཐག་བཞག་ནས་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱས་ཡོད།

ལོ་གཅིག་རིང་རིམ་ཁག་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁྱོན་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་དང་གནད་འགག་ཏུབཟུང་ནསདམ་འཛིན་ལྷོད་མེད་བྱེད་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོ་སློབ་གསོ་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་འགག་རྩར་བརྩིས་ཏེ། ཏང་ཡོན་གྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཡོད།ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ཁྲོད་བོད་སྐད་ཡིག་ལས་དོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་གནད་དོན་ཁྱོན་ཡོངས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་། བསམ་གཞིག་དང་འཆར་འགོད་ནན་ཏན་བྱས་པཧེ་བག་དང་མི་འདང་ས་བཙལ་བ། ཞིབ་ཕྲའི་གནད་དོན་ཕྱོགས་བསྡུས་ལེགས་སྒྲིག་བཅས་བྱས་ནསལས་ཀའི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད།

ཚོགས་འདུའི་ཐོག་བསྟན་དོན།2024ལོར་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིདབྱ་རྒྱུ་དེ་མཐའ་འཁྱོངས་བྱས་ནསདུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་དང་སྐད་ཡིག་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་སྟེརང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟརཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དངཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་ཞིང་མཐའ་འཁྱོངས་བྱས་ནས།ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ལས་ཀའི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ། བོད་སྐད་ཡིག་ཚད་ལྡན་ཅན་དང་།ཚད་གཞི་ཅན།ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནསབོད་སྐད་ཡིག་གིས“འཛུགས་གཏོད་བཞི”ལ་བརྩི་སྲུང་དང་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བོད་སྐད་ཡིག་དང་རྩོམ་སྒྱུར་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། དེ་ཡང་།

བོད་སྐད་ཡིག་དང་རྩོམ་སྒྱུར་ཚན་པའི་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་་སྐུལ་འདེད་ཤུགས་ཆེར་གཏོང་དགོས་པ ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པསབསམ་བློ་ལ་དྲག་ཆས་སྤྲཔ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་སྐད་ཡིག་ལས་དོན་གྱི་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་དགོས།

བོད་སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པབོད་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས<<རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད>>རྩོམ་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་<<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིགཚད་ལྡན་སྒྱུར་ཡིག>>ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་པབོད་སྐད་ཡིག་ཆ་འཕྲིན་ཅན་དུ་འཛུགས་སྐྱོངབྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། བོད་སྐད་ཡིག་ཚན་ཞིབ་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་<<བོད་ལྗོངས་བོད་སྐད་ཡིག་དྲ་རྒྱ>><<བོད་སྐད་ཡིག་ལས་དོན>>དུས་དེབ་སོགས་བཀོལ་སྤྱོད་ཡག་པོ་བྱས་ཏེརང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཁྲོད་བོད་སྐད་ཡིག་གི་གཡུལ་ས་གཙོ་བོ་བརྟན་དུ་གཏོང་དགོས།  

རྒྱ་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་ཏན་ཏིག་སྒྲུབ་དགོས་པགོ་བདེ་ཞིང་རྟོགས་སླ་བའི་སྐད་ཡིག་གིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ཡང་དག་བརྒྱུད་སྒྲོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱི་ཡིག་ཆགལ་ཆེན། ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་ཡིག་སྒྱུར་ལས་འགན་སྤུས་དག་ཅིང་ཚད་མཐོ་བའི་སྒོ་ནས་སྒྲུབ་དགོས། ཚོགས་འདུ་གལ་ཆེན་དང་། བྱེད་སྒོ་ཆེན་པོ། རྟེན་འབྲེལ་མཛད་སྒོ་གལ་ཆེན་བཅས་ལ་དམིགས་ཏེཡིག་སྒྱུར་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟདབོད་ཀྱི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་དོན་ཡག་པོ་སྤེལ་དགོས

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་མི་རིགས་ས་ཁུལ་གྱི་ལས་བྱེད་བཟང་པོའི“དམིགས་བསལ་བཞིའི”ཚད་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་འཛུགས་པའི་བླང་བྱར་དམིགས་ནས། བོད་སྐད་ཡིག་དང་རྩོམ་སྒྱུར་ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་འཛུགས་སྐྱོང་བྱས་ཏེ། ཏང་བློ་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་གསོ་སྐྱོང་ལ་འབད་བརྩོན་བྱེད་དགོས།དེ་མིན། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བརལེགས་སྐྱེས་འབུལ་དགོས་ཞེས་བཏོན་ཡོད།

ས་ཁུལ(གྲོང་ཁྱེར)བདུན་གྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཀྲུའུ་རེན(ཅུ་ཀྲང་)དང་རྫོང་(ཆུས)ཁག་གཅིག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་འཐུས་མི། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས་ཡོད།