无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རགས་བཤད>>ཅེས་པའི་དཔེ་དེབ་བསྩལ་བའི་མཛད་སྒོ་སྤེལ་བ།

དུས་ཚོད། 2024-04-03 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

2024ལོའི་ཟླ་4པའི་ཚེས་3ཉིནརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རགས་བཤད>>ཅེས་པའི་དཔེ་དེབ་བསྩལ་བའི་མཛད་སྒོ་སྤེལ་ཏེ།ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་རྫོང་(ཆུས)74ཡི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་དོན་མི་སྣ་ཡོངས་ལདཔེ་དེབ་བསྩལ་བདང་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པཀྲུའུ་རེན(ཅུ་ཀྲང་)ཟླ་བ་ཚེ་རིང་གིས་དཔེ་དེབ་བསྩལ་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།  

<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རགས་བཤད>>ཅེས་པའི་དཔེ་དེབདེ་2024ལོའི་ཟླ་2པའི་ཟླ་མཇུག་ཏུ་པར་སྐྲུན་བྱས་ཤིང་། དཔེ་དེབ་འདིའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའིནང་དོན་གཙོ་རྐང་དུ་འཛིན་པ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནསཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ཕྱོགས་ཡོངས་ནས་འགྲེལ་བརྗོད་བྱས་ཡོད་པསདེཆབ་སྲིད་ཀྱི་རང་བཞིན་དང་སློབ་གསོའི་རང་བཞིན་ཆེན་པོ་ལྡན་ཡོད

<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རགས་བཤད>>ཅེས་པའི་དཔེ་དེབ་པར་སྐྲུན་བྱས་མ་ཐགརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཁ་གཏད་བོད་སྐྱོར་ཚན་པའི་རྒྱབ་སྐྱོར་བརྩོན་ལེན་བྱས་པར་བརྟེན།མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་རོགས་སྐྱོར་གནང་བའི་དཔེ་དེབ་500ཚང་མ་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་བྱེད་ལས་བཟོ་ཚང་མར་རིན་མེད་ངང་སྤྲད་དེཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སྔར་བས་བློ་སྟོབས་ཆེར་བསྐྱེད་དང་མི་སྣ་ལེགས་སྐྱོང་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་འཛིནཔ་བཅས་ལ་ཁྲིད་སྟོན་བྱས་ནསསྐྱིད་སྡུག་མཉམ་མྱོང་དང་།ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོནལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོའཛུགས་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ།བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ལེགས་སྐྱེས་ཧུར་ཐགཕུལ་ཡོད