无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཐེངས་ཁག་བཅུ་གསུམ་པར་ཕེབས་སྐྱེལ་ཞུས་པ།

དུས་ཚོད། 2024-05-25 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་5པའི་ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་བོད་སྐདཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཐེངས་བཅུ་གསུམ་པཕེབས་སྐྱེལ་ཞུ་བའི་མཛད་སྒོ་སྤེལ་བ་རེད། གཞུང་ལས་ཁང་(ཅུ)གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)འཇམ་དབྱངས་མཆོག་རྒྱལ་དང་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)སྐྱིད་སྐྱིད། ཁྲུའུ་ཁག་གི་ཁྲུའུ་ཀྲང་(འགན་འཁུར་)བཅས་མཛད་སྒོར་ཞུགས་ཏེགཞི་རིམ་དུ་སྐྱོད་ལ་ཉེ་འི་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་སྐྱེལ་མའི་ཁ་བཏགས་ཕུལ་ནས་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་དང་མངགས་བཅོལ་ཟབ་མོ་གནང་བ་རེད།

ལས་དོན་རུ་ཁག་གྲོང་ཚོར་རྡོག་ཐོན་མ་བྱས་གོང་། གཞུང་ལས་ཁང་(ཅུད)གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཐེངས་ཁག་བཅུ་གསུམ་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།བློ་མཐུན་སྐྱིད་སྐྱིད་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོར་བཏོན་དོནགྲོང་ཚོར་བཅའ་སྡོད་རུ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། དོན་ཆེན་བཞིདམ་པོར་དམིགས་པ། འཛུགས་གཏོད་བཞི”གཅིག་ཏུ་སྒྲིལབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་སྐྱོད་པ་སོགས་གཙོ་གནད་ལས་འགན་ཁག་ལྔ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེགྲོང་ཚོའི་ཨུ་ལྷན་གཉིས་ལ་གཞོགས་འདེགས་ཀྱིས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་མ་ཟད།མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་འཕྲད་སྐབས་མཉམ་གྲོས་དང་གནད་དོན་མཉམ་ཐག་གཅོད་པའགན་འཁྲི་མཉམ་འཁུར་བྱས་ནསགནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་འབད་པ་བྱེད་དགོས།གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྒྲིག་ཁྲིམས་བླང་བྱ་ཁག་དོན་འཁྱོལ་ཡག་པོབྱས་ཏེ།ལས་གནས་སུ་མེད་པའི་གནས་ཚུལ་གཏན་འགོག་བྱེད་དགོས་ལ།བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེསྤྲོ་བ་ལྡན་ཞིང་ལས་ཀ་ཏན་ཏིག་སྤེལ་བའི་སྤྱོད་ལམ་ལ་བརྟེན་ནས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ལས་བྱེད་པའི་གཟུགས་བརྙན་ཡག་པོ་སྐྲུན་དགོསཞེས་གསུངས་ཡོད

ཚོགས་འདུའི་ཐོག་གྲོང་ཚོར་བཅའ་སྡོད་རུ་མིས་གཅིག་རྗེས་གཉིས་མཐུད་དུཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་གཞི་རིམ་དུ་རང་འགན་གཙང་སྒྲུབ་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་ཉན་ཞིང་རང་འགུལ་ངང་བྱས་རྗེས་ཧུར་ཐག་བཞག་སྟེགྲོང་ཚོར་བཅའ་སྡོད་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་འགྲུབ་ཡག་པོ་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས།