རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)ཟླ་བ་ཚེ་རིང་དང་བཅས་པས་པེ་ཅིན་དང་ཧྲང་ཧའེ་སོགས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན(ཅུད་ཀྲང་)ཟླ་བ་ཚེ་རིང་གིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་པེ་ཅིན་དང་། ཧྲང་ཧའེ། མཚོ་སྔོན་བཅས་སུ་བརྟག་ཞིབ་གནང་བར་བསྐྱོད་དེ། སྔ་རྗེས་སུ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། སློབ་གསོ་པུའུ་སྐད་ཡིག་ཆ་འཕྲིན་དོ་དམ་སི། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་(སྐད་ཨུད)།ཧྲང་ཧའེ་སྒོ་དབྱེ་སློབ་ཆེན། ཧྲང་ཧའེ་ཕྱི་སྐད་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་སུ་བོད་སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་། ནང་སའི་སྤུན་ཟླའི་ཚན་པ་དང་མཛའ་བརྩེ་འབྲེལ་བ་ཟབ་ཏུ་བཏང་ཁར། ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་འབྲེལ་མཐུད་ཡག་པོ་བྱས་ཡོད།
ཐེངས་འདིའི་རྟོག་ཞིབ་ནང་གཞུང་ལས་ཁང་(ཅུད)གི་རིམ་གཉིས་སྐོར་ཞིབ་པ་ཁྲང་ཧྥུའུ་ལིའང་དང་། སྐད་ཡིག་དོ་དམ་ཁྲུའུ། ཚན་ཞིབ་ཁྲུའུ། བཀས་བཅད་ཁྲུའུ། ཕྱོགས་བསྡུས་ཁྲུའུ་ཡི་འབྲེལ་ཡོད་མི་སྣ་བཅས་བརྟག་ཞིབ་ནང་ཞུགས་ཡོད།