无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ལས་ཁུངས་ཀྲི་པུའུ་བཞི་པར“རྒྱལ་ཡོངས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པའི་བཞུགས་མོལ་ཚོགས་འདུ་ཚོགས་པ།

དུས་ཚོད། 2025-01-07 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)

ཟླ་དང་པོའི་ཚེས་7ཉིན་གྱི་ཕྱི་དྲོརརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ནས་སྔོན་ཐོན་མིག་དཔེ་བཟང་པོར་སློབ་སྦྱོང་གྱིསསྲི་ཞུའི་ལེགས་སྐྱེས་སྙིང་སྟོབས་དར་སྤེལ་གཏོང་ཞེས་པའི་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་ཁུངས་ཀྲི་པུའུ་བཞི་པརརྒྱལ་ཡོངས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབཀྱི་མཚན་སྙན་ཐོབ་པའི་བཞུགས་མོལ་ཚོགས་འདུ་ཚོགས་པ་རེདརང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུད་ཀྱི་ཅུད་ཀྲང་བསོད་ནམས་གཡུ་སྒྲོན་དང་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པཀྲུའུ་རེན(ཅུད་ཀྲང་)ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བ་རེད

ཚོགས་འདུའི་ཐོག<<རྒྱལ་ཡོངས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་གནང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའི་གཏན་འབེབས>>བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟདཔེ་ཅིང་དུ་ཚོགས་འདུར་ཞུགས་མཁན་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མིལས་ཁུངས་ཀྲི་པུའུ་བཞི་པའི་ཧྲུའུ་ཅི་བློ་མཐུན་ཚེ་དབང་དཔལ་འབྱོར་ལགས་ཀྱིས་གཏམ་བཤད་སྤེལ་བ་རེདཁོང་གིས་པེ་ཅིང་དུ་ཚོགས་འདུར་ཕེབས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་ངོ་མ་མཇལ་བ་སོགས་ཀྱི་མྱོང་ཐོས་དག་བརྩེ་བ་ཆེན་པོས་ཞིབ་གླེང་གནང་དང་གཟི་བརྗིད་མཚན་སྙན་འདི་ལྟ་བུ་གནང་བར་བཀའ་དྲིན་སྙིང་བཅངས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ལུགས་གསུངས་པ་མ་ཟདརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་གཟབ་བཞེས་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་ལས་ཁུངས་ཀྲི་པུའུ་བཞི་པས་མི་རྒས་ཀྱང་བྱས་པ་མི་དམན་པར་མུ་མཐུད་རང་ནུས་གང་ཡོད་འདོན་པ་སོགས་ཡང་ཡང་དྲན་གསོ་གནང་ནསཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ཧུར་ཐག་བྱེད་པའི་བློ་མཐུན་རྒན་གྲས་རྣམ་པའི་སེམས་ཤུགས་དང་སྙིང་རུས་མངོན་པར་བྱས་ཡོད

ཟླ་བ་ཚེ་རིང་གིས་གསུངས་དོནསྔར་ནས་ད་བརརང་རེའི་ལས་ཁུངས་ཀྱི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནསཏང་དང་རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་མཛད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟདདོན་ཆེན་བཞིརདམ་པོར་དམིགས་པ་དང་འཛུགས་གཏོད་བཞིརསེམས་ཤུགས་གཅིག་ཏུ་བསྒྲིལ་ཐོགལུས་པོ་ལས་གནས་ནས་ཁ་བྲལ་ཡང་སེམས་པ་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེརྒན་ཡོལ་ཞུས་ཀྱང་རང་མདངས་མ་ཉམས་པརསྔ་ཕྱི་བར་གསུམ་དུ་ཏང་ལ་བློ་དཀར་དང་བྱ་གཞག་ལ་དགའ་ཞེན་གནང་ཞིང་དུས་རབས་གསར་པའི་བོད་སྐད་ཡིག་ལས་དོན་ཁ་ཕྱོགས་ཡང་དག་པ་དང་ཚན་རིག་དང་མཐུན་པཞི་མཐུན་རིམ་ལྡནསྐྱོན་བྲལ་གོང་འཕེལ་བཅས་ཡོང་རྒྱུར་བློ་གྲོས་དང་སྟོབས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་ཡོད་ཞེས་གསུངསཁོང་གིས་ནན་བཤད་གནང་དོནལས་བཟོ་ཡོངས་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེན་གསུངས་བཤད་དང་མཛུབ་སྟོན་བཀའ་མཆན་གྱི་དགོངས་པ་གང་ལེགས་རྟོགས་ཐུབ་པ་བྱས་ཏེཏང་ཀྲི་པུའུ་བཞི་པ་མིག་དཔེར་བཟུང་ནསརང་ཉིད་ཀྱི་མི་འདང་བའི་ཆ་བཙལ་འཚོལ་གྱིས་དཔེ་ཚད་བཙུགས་ནས་དམིགས་ཚད་ལོན་ཐུབ་པ་བྱེད་དགོས་ཞེས་དང་ང་ཚོས་ཁོང་རྣམ་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ཆབ་སྲིད་ཀྱི་གཤིས་སྤྱོད་དང་མི་རྒས་ཀྱང་བྱས་པ་མི་དམན་པར་ལེགས་སྐྱེས་ཧུར་ཐག་འབུལ་བའི་བསམ་བློའི་རྟོགས་པདེ་བཞིན་མཐུན་སྒྲིལ་མཉམ་ལས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱེད་དགོས་ཞེས་གསུངསརེ་བར་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་རྣམ་པས་རང་རེའི་ལས་ཁུངས་ཀྱི་ལས་དོན་ཁག་ལ་མུ་མཐུད་ནས་ཐུགས་ཁུར་དང་རྒྱབ་སྐྱོརདེ་བཞིན་མཉམ་ཞུགས་བྱས་གནང་ནསབྱས་རྗེས་གསར་པ་འཇོག་པ་དང་ཐེག་པ་ཁུར་ལེན་གྱིས་ལེགས་སྐྱེས་གསར་པ་ཕུལ་ཐུབ་པ་གནང་སྟེདུས་རབས་གསར་པའི་བོད་སྐད་ཡིག་ལས་དོན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་ཇུས་ཤུགས་མཉམ་འདོན་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས

བསོད་ནམས་གཡུ་སྒྲོན་གྱིས་གཟི་བརྗིད་མཚན་སྙན་ཐོབ་པའི་ལས་ཁུངས་ཏང་ཀྲི་པུའུ་བཞི་པ་དང་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལ་རྟེན་འབྲེལ་ཞུས་ཤིང་གཟི་བརྗིད་མཚན་སྙན་ཐོབ་པའི་སྔོན་ཐོན་མཉམ་སྡེབ་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རོགས་ཞུསཁོང་གིས་ནན་བཤད་གནང་དོནགཅིག་ནས་སྔོན་ཐོན་གྱི་མིག་དཔེ་བཙལ་འཚོལ་འདེམས་འཛུགས་བྱེད་དགོས་ཏེསྔོན་ཐོན་གཉིསགྱི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པར་གཟེངས་བསྟོད་སྤྲོད་པའི་བྱེད་སྒོ་དེ་དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བཟུང་བྱ་གལ་ཆེན་ཞིག་ལ་བརྩིས་ནསམིག་དཔེ་འདེམས་འཛུགས་དང་མིག་དཔེ་དྲིལ་བསྒྲགསམིག་དཔེར་སློབ་སྦྱོང་ལག་བསྟར་བཅས་བྱ་རྒྱུའི་ཐད་ཟུང་འབྲེལ་དམ་ཚགས་བྱས་ཏེགློ་བ་ཉེ་ཞིང་ཡིད་རྟོན་རུང་ལ་གུས་པར་འོས་པའི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་དེ་བས་མང་བ་སྔོན་ཐོན་དཔེ་སྟོན་ལ་འདེམ་དགོསགཉིས་ནས་སྔོན་ཐོན་གྱི་མཛད་རྗེས་དར་སྤེལ་ཤུགས་ཆེ་གཏོང་དགོས་ཏེཀུན་འདུས་སྨྱན་སྦྱོར་བརྒྱུད་ནས་དྲིལ་བསྒྲགས་དང་ཐབས་ལམ་སྣ་ཚོགས་སྤྱད་ནས་འགྲེམས་སྟོནགཏམ་རྒྱུད་ཤོད་པའི་ཐོག་ནས་རྒྱས་བཤད་བཅསཕྲེང་བ་ཐག་བརྒྱུདཀྱི་ལམ་ནས་མིག་དཔེའི་གཏམ་རྒྱུད་ནན་གྱིས་འཆད་དེསྔོན་ཐོན་གོང་བཀུར་དང་མིག་ལྟོས་ཡར་འདྲེནསྔོན་བཏོད་ལེགས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྐྲུན་དགོསགསུམ་ནས་རྒས་འཁོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་མངོན་ཆེར་བཟུང་བ་དང་ཏང་གི་གསར་གཏོད་རིག་གཞུང་གིས་བསམ་བློར་དྲག་ཆས་སྤྲོས་པའི་སློབ་གསོ་སློབ་སྦྱོང་གི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བསྐྲ་དཀར་བགྲེས་པོའི་སེམས་པ་ཏང་ལ་ཕྱོགསཞེས་པའི་ཏང་འཛུགས་གྲགས་རྟགས་གཏོད་ཤུགས་མུ་མཐུད་ཆེ་རུ་གཏོང་བརྒན་འཁོགསཤེས་ལྡན་པའི་རིག་མཛོད་འཛུགས་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཞིབ་ཚགས་གནད་འཕིགས་ཀྱིས་ཞབས་ཞུ་འགན་སྲུང་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ལརྒྱ་ཆེའི་བློ་མཐུན་རྒན་གྲས་རྣམ་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་བཅངས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་དམ་པ་དོན་གཉེར་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་བརྩོམ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས

(རྩོམ་སྒྱུར་ཁྲུའུ་ནས་ཞུས)