ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)ལས་དོན་ཚོགས་འདུ་ལྷ་སར་སྐོང་ཚོགས་བྱས་པ།
ཟླ་2ཚེས་21ཉིན། 2025ལོའི་ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང་)ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་དང་། ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)སྐྱིད་སྐྱིད་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་2025ལོའི་བོད་སྐད་ཡིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་། བོད་སྐད་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ས་གནས་དང་། གྲོང་ཁྱེར། རྫོང་། ཆུད་བཅས་ཁག་གཅིག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གཏམ་བཤད་སྤེལ་རེས་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ། ལོ་ངོ་60རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བརྟེན་ནས་ང་ཚོའི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ཡོད་ལ། ལོ་ངོ་60རིང་གི་ཉམས་མྱོང་བཟང་པོར་བརྟེན་ནས་ང་ཚོའི་འབྱུང་འགྱུར་གྱི་བློ་སྒོ་ཡང་འབྱེད་ཡོད། ཏང་ཀྲུང་དབྱང་གི་དམིགས་བསལ་རོགས་སྐྱོར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་མྱུར་པོ་བྱུང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། བོད་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་བེད་སྤྱོད་རྒྱ་ཁྱབ་ཐུབ་པ། བོད་ཡིག་ཐ་སྙད་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་འགྱུར་བའི་ལས་དོན་ལ་རྒྱུན་མཐུད་སྐུལ་སྤེལ་བཏང་བར་བརྟེན། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ནུས་ལྡན་ཐུབ་པའི་རྨང་གཞིའི་ཐོག་དར་རྒྱས་གོང་འཕེལ་བྱུང་ཡོད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལྗོངས་ཡོངས་སུ་ཁྱབ་གདལ་གཏོང་བར་རང་འགུལ་ངང་རམ་འདེགས་བྱེད་དགོས་པ་དང་། གཉིས་ནས་བོད་སྐད་ཡིག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་སྤྱོད་ཡིག་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཆར་གཞི་གསར་པ་བཟོས་ནས་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། བཞི་ནས་ད་ཡོད་ཀྱི་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་བོད་ཡིག་ཐ་སྙད་ཚད་ལྡན་ཅན་དང་ཚད་གཞི་ཅན་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། ལྔ་ནས་ལོ་ཙཱ་མཐུན་ཚོགས་ལ་གཅིག་གྱུར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཡིག་སྒྱུར་ནུས་པ་ཆེ་རུ་གཏོང་བ་དང་བྱ་གཞག་དེར་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ། དྲུག་ནས་བོད་སྐད་ཡིག་འགྲེམས་སྟོན་ཁང་གི་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལག་བསྟར་ཡག་པོ་བྱས་ཏེ་མི་རིགས་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་དེ་བས་ལེགས་པ་ཡོང་བར་སྐུལ་འདེད་གཏོང་དགོས་པ། བདུན་ནས་བསམ་ཇུས་གཅིག་གི་བསམ་གཞིར་བརྟེན་ནས་བོད་སྐད་ཡིག་གི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། བརྒྱད་ནས་དུས་རབས་གསར་པའི་བོད་སྐད་ཡིག་བྱ་གཞག་གོང་འཕེལ་གྱི་དགོས་མཁོར་དམིགས་ནས་ལྷག་བསམ་དག་ཅིང་། སྤྱོད་པ་གཙང་བ་དང་། འགན་འཁུར་ཕོད་པའི་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་དགོས་པ། དགུ་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དུས་རབས་གསར་པའི་བོད་སྐད་ཡིག་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་དགོས་པ་བཅས་སོ།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2025ལོའི་བོད་སྐད་ཡིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྕགས་ར་བློ་བཟང་བསྟན་འཛིན་གྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དེ་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་འཆང་བཞིན། “དོན་ཆེན་བཞི”དོན་འཁྱོལ་ནན་ཏན་དང་། “འཛུགས་གཏོད་བཞིར”སྐུལ་འདེད་བཏང་ནས། དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་འགྲུབ་བྱེད་པ་དང་། ལས་ཀའི་ལག་ལེན་ཁྲོད་འགན་འཁྲི་གསར་པ་འཁུར་ཕོད་པ་དང་ལེགས་སྐྱེས་གསར་པ་འབུལ་ཐུབ་པ་བྱེད་དགོས།
རང་སྐྱོང་ལྗོངས་བོད་སྐད་ཨུད་ཀྱི་ཁོངས་གཏོགས་ཚན་པ་དང་སྡེ་ཚན་ཁག་གི་འགན་འཁུར་བ་དང་། ས་གནས(གྲོང་ཁྱེར)ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)དང་དེ་བཞིན་རྫོང་(ཆུད)ཁག་གཅིག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འཐུས་མི། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་བྱེད་པ་ཡོངས་རྫོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
(རྩོམ་སྒྱུར་ཁྲུའུ་ནས་ཞུས)