无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བརྟག་ཞིབ་ཚོགས་ཆུང་ལྷོ་ཁར་བསྐྱོད་དེ“ཐོན་མིའི་ཕྱག་རྒྱུན”བོད་ཡིག་ཡིག་མཛོད་ཀྱི་གདམ་གཞིའི་སྐོར་ལ་བརྟག་ཞིབ་བྱས་པ།

དུས་ཚོད། 2025-09-12 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)།

ཟླ་9ཚེས་1ཉིན་ནས་ཚེས་5ཉིན་བར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིསྐོར་ཞིབ་པ་རིམ་པ་གཉིས་པ་ལྷ་ཆུང་གིས་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་དང་། ཟངས་རི། གྲ་ནང་། སྣེ་གདོང་སོགས་རྫོང་གི་གཞི་རིམ་གྱི་ཤང་དང་གྲོང་རྡལ། དེ་བཞིན་ལོ་རྒྱུས་རིག་གནས་སྡེ་ཁགསོགས་སུ་བསྐྱོད་དེཐོན་མིའི་ཕྱག་རྒྱུནབོད་ཡིག་ཡིག་མཛོད་ཀྱི་གདམ་གཞིའི་སྐོར་ལ་བརྟག་ཞིབ་དང་བོད་ལྗོངས་བོད་སྐད་ཡིག་འགྲེམ་སྟོན་ཁང་གི་བཤམས་དངོས་བསྡུ་རུབ་བྱེད་པའི་ལས་དོན་སྤེལ་ཐོག མཐའ་མཚམས་ས་ཁུལ་གྱི་སྐད་ཡིག་རིག་གནས་འཛུགས་སྐྱོང་དང་སྤྱི་ཚོགས་སྤྱོད་ཡིག་སོགས་ལ་དམིགས་ནས་ཡུལ་དངོས་བརྟག་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་རིགས་གཅིག་མཁས་དབང་དང་། ལྷོ་ཁ་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འབྲེལ་ཡོད་མི་སྣ་བརྟག་ཞིབ་ནང་ཞུགས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་བོད་སྐད་ཡིག་རིག་གནས་ཕུན་སུམ་ཚོགས་པའི་ས་ཆ་བདམས་ནས་ཡིག་གཟུགས་ཀྱི་ལོ་རྒྱུས་རིན་ཐང་དང་རིག་དངོས་རིན་ཐང་། བེད་སྤྱོད་རིན་ཐང་བཅས་དང་ཟུང་འབྲེལ་གྱིས་ཁྱད་ལྡན་ཡིག་གཟུགས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། 2026ལོའི་མཛོད་འཇུག་ཡིག་གཟུགས་ཐོག་མའི་ཆ་ནས་གཏན་འབེབས་བྱས་པར་བརྟེནདེསཐོན་མིའི་ཕྱག་རྒྱུནབོད་ཡིག་ཡིག་མཛོད་ཀྱི་སྤུས་ཚད་སྔར་བས་ལེགས་སུ་བཏང་ཁར། ཀྲུང་ཧྭ་མི་རིགས་ཀྱི་སྣང་ཉམས་དང་ཀྲུང་ཧྭའི་རིག་གནས་མཚོན་རྟགས་ཀྱི་དེང་རབས་བསྐྱར་མཚོན་ལས་དོན་ལ་རྨང་གཞིའི་རྒྱུ་ཆ་མཁོ་འདོན་གང་ལེགས་བྱས་ཡོད། ད་དུང་བོད་ལྗོངས་བོད་སྐད་ཡིག་འགྲེམ་སྟོན་ཁང་གི་བཤམས་དངོས་བསྡུ་རུབ་བྱེད་པའི་ལས་དོན་ཁྲོད། བརྟག་ཞིབ་ཚོགས་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ཐོག འགྲེམས་སྟོན་གྱི་དགོས་མཁོ་གཞིར་བཟུང་ནས་ལོ་རྒྱུས་ཀྱི་རྒྱུན་འཛིན་རིན་ཐང་དང་རིག་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་བོད་ཡིག་གི་བསྟན་བཅོས་ཡིག་ཚངས་སོགས་ལ་ལེགས་འདེམས་བྱས་པ་བརྒྱུད། འགྲེམ་སྟོན་ཁང་གི་རིག་གནས་ཐོན་ཁུངས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

གཞན་ཡང་བརྟག་ཞིབ་ཚོགས་ཆུང་གིས་ཡུལ་དངོས་སུ་གཞི་རིམ་གྱི་སྐད་ཡིག་རིག་གནས་འཛུགས་སྐྱོང་བྱས་ཚུལ་ལྟ་ཞིབ་བྱས་ཏེ། གྲོང་རྡལ་གྱི་མ་ལམ་གཙོ་བོ་དང་སྤྱི་པའི་ཞབས་ཞུ་སྤེལ་ས་སོགས་གཙོ་གནད་ས་ཁོངས་ཀྱི་སྤྱི་ཚོགས་སྤྱོད་ཡིལ་ཞིབ་བཤེར་བྱས་པར་མ་ཟད། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་ཀྱི་བླང་བྱ་ཁ་གསལ་བཟོས་པར་བརྟེནཞི་མཐུན་ཅན་གྱི་སྐད་ཡིག་ཁོར་ཡུག་ཅིག་ལེགས་འཁྱོངས་ཐུབ་པར་ནུས་པ་ཧུར་ཐག་ཕུལ་ཡོད།